ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ལོ་རྒྱུས། >> སྲོང་བཙན་སྒམ་པོའི་མཛད་རྗེས་ཀྱི་སྐོར།

སྲོང་བཙན་སྒམ་པོའི་མཛད་རྗེས་ཀྱི་སྐོར།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།] [ཟླ་ཚེས། 10-05-28] [ཀློག་གྲངས། ]

དྭངས་གསལ་ཤེལ་དཀར་གཞོན་ནུའི་ཁུ་བས་ལན་བརྒྱར་བྱུགས་པ་ལྟ་བུའི་ས་འཛིན་གྱི་མུ་ཁྱུད་ཡོངས་སུ་མཛེས་པས་ཁོར་ཡུག་ཏུ་བསྐོར་བའི་ལྗོངས་འདིར། རྨོངས་པའི་མུན་པ་སེལ་བའི་ལུགས་གཉིས་ཁྲིམས་སྲོལ་བཟང་བོའི་ཉི་གཞོན་གྱིས་འཕྲལ་ཡུན་ཕན་བདེའི་པད་ཚལ་ཐོག་མར་བཞད་པར་མཛད་པའི་བཙན་པོ་སྲོང་བཙན་སྒམ་པོ་ཞེས་གྲགས་པ་དོན་ལྡན་གྱི་མཚན་སྙན་གསེར་གྱི་སྐུད་པས་ཡངས་པའི་ནོར་འཛིན་མཐའ་དག་འཆིང་བར་མཛད་པ་དེ་ཉིད་ཀྱི་ངོ་མཚར་བའི་ལོ་རྒྱུས་ཆ་ཤས་ཙམ་ཞིག་རང་རིགས་ཕྱི་རབས་ཀྱི་སྐྱེ་བོ་བློ་གྲོས་དང་ལྡན་པ་རྣམས་ལཐོག་མའི་དཔྱད་གཞིའི་ཚུལ་དུ་གླེང་བར་བྱའོ།། དེ་ཡང་པུར་རྒྱལ་བོད་ཀྱི་ལྗོངས་འདིར་དབང་བསྒྱུར་བའི་བཙན་པོ་མང་པོ་བྱོན་པའི་ནང་ནས་ཕུལ་དུ་བྱུང་བའི་དགོངས་པ་དང་མི་ནུབ་པའི་མཛད་རྗེས་མངའ་བ་སྲོང་བཙན་སྒམ་པོ་ནི་རླབས་ཆེན་གྱི་ཆབ་སྲིད་དང་དམག་དོན་མཁས་ཅན་ཞེས་པའི་བསྔགས་བརྗོད་གཅམ་བུ་དང་དང་རབ་བཏགས་ཙམ་མ་ཡིན་པར་གཟུར་གནས་མཁས་པ་མང་པོའི་མགྲིན་པའི་མཛེས་རྒྱན་དུ་གྱུར་པའི་ཚུལ་མཐའ་དག་པར་ནི་འདིར་བརྗོད་པར་མི་ནུས་ཀྱང་། དཔེ་མཚོན་ཙམ་དང་གཙོ་ཆེ་བའི་དབང་དུ་བྱས་ན་དྲུག་ཡོད།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]