ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> འཕྲིན་གསར། >> གླིང་དཀར་སྟོད་ཀྱི་བྱམས་པ།

གླིང་དཀར་སྟོད་ཀྱི་བྱམས་པ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མདོ་ལྷོ་གློག་བརྙན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི།] [ཟླ་ཚེས། 11-03-19] [ཀློག་གྲངས། ]

དུང་བརྗོད་གློག་བརྙན་《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པ་ད་ལྟ་ཕབ་བྱས་ཚར་བ།

 

            2011ལོའི་ཟླ་1པའི་ནང་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མས་མཉམ་བསྒྲུབ་སྒོས་ཕབ་འགོ་བཙུགས་པའི་བོད་ཀྱི་དུང་བརྗོད་གློག་བརྙན་《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པ་དེ་ད་ལྟ་ཕབ་ལེན་ཡོངས་སུ་མཇུག་རྫོགས་པ་དང༌།2011ལོའི་ཟླ་5པའི་ནང་རྒྱ་ཆེའི་ལྟ་མཁན་ཡོངས་ཀྱི་སྤྱན་ལམ་དུ་འབུལ་རྩིས་ཡིན།

          རེབ་འདིའི་བོད་ཀྱི་དུང་བརྗོད་གློག་བརྙན་《གླིང་དཀར་སྟོད་ཀྱི་བྱམས་པ》ཞེས་པའི་ནང་སློབ་ཆེན་སློབ་མ་ཞིག་གཞི་རིམ་དུ་དམངས་སྲོལ་རིག་གནས་འཚོལ་བསྡུར་བསྐྱོད་པའི་བྱ་རིམ་ཁྲོད་རྩྭ་ཐང་གི་གཞོན་ནུ་མ་ཞིག་གི་མཛེས་སྡུག་དང་རྣམ་དག་དྭངས་གཙང་ལ་སེམས་པ་རྨང་ནས་ཤོར་བའི་གནས་ཚུལ་རྒྱུད།ཁོ་བོའི་མི་ཚེ་འདིའི་སྒང་གི་བརྩེ་དུང་གི་གདམས་ག་དེ་ནང་སེམས་གྱི་གཏིང་ནས་འགྱུར་བ་གཏོང་དཀའ་བ་བྱུང་ཡང་།འཚོ་གནས་ཁོར་ཡུག་དང་ལས་གནས་ཀྱི་འགལ་བ་འདིས་སྡུག་བསྔལ་དང་བློ་ཕམ་བྱུང་བའི་གནས་ཚུལ་བརྗོད་ཡོད།

 


འཁྲབ་ཡུལ་དངོས།

འཁྲབ་ཡུལ་དངོས།

ལས་ཞུགས་མི་སྣའི་མཉམ་པར།

གློག་བརྙན། གླིང་དཀར་སྟོད་ཀྱི་བྱམས་པ།

འཁྲབ་གཞུང་། འབོ་རའི་ཀླུ་འབུམ་བཀྲ་ཤིས།

འཁྲབ་ཁྲིད་པ། པད་མ་ཚེ་རིང་། ལྷ་མོ་ཚེ་བརྟན།

གཙོ་འཁྲབ། འཕགས་པ་དོན་གྲུབ། འཕགས་པ་འཚོ།

འཁྲབ་རོགས། དཀོན་མཆོག་དོན་གྲུབ། རྟ་མགྲིན་སྐྱབས། བཟོད་པ།

བརྙན་ལེན་པ། དཀོན་པེ།

སྒྲིག་བཟོ་བ། ལྕགས་པོ།

ཕབ་སྐྲུན། མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི།

མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་

འཕེལ་རྒྱས་ཚད་ཡོད་ཀུང་སིས།

2011ལོའི་ཟླ་2པའི་ཚེས་25ཉིན།

 

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]